Skip to content

Latest commit

 

History

History
80 lines (50 loc) · 8.65 KB

index.md

File metadata and controls

80 lines (50 loc) · 8.65 KB

BDRC དྲ་ཚིགས་ནང་ཞིབ་ཕྲའི་འཚོལ་བཤེར།

དང་པོ། དྲ་ཚིགས་སྤྱིའི་ངོ་སྤྲོད་མདོར་བསྡུས།

དྲ་ཚིགས་buda.zju.edu.cn ནི་ BDRC འམ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་བཟོས་ཤིང་། ད་བར་ངེད་ཚོགས་པས་འབད་པ་གློད་མེད་ཀྱིས་འཚོལ་བསྡུ་བྱས་པའི་ནང་བསྟན་གྱི་གསུང་དཔེ་ཇི་སྙེད་ཡོད་པ་རྣམས་ཐུན་མོང་གིས་ལོངས་སུ་སྤྱོད་ཕྱིར། དྲ་ཐོག་དཔེ་མཛོད་ནང་གསོག་འཇོག་བྱས་ཏེ་གློག་ཀླད་བཀོལ་མཁན་ཚོར་ཆེད་དམིགས་ཀྱིས་དྲ་ཚིགས་འདི་བཟོ་བསྐྲུན་བྱས་པ་ཞིག་ཡིན། ཁ་པར་དང་ipad, 平板 བཀོལ་མཁན་རིགས་ལའང་རིན་འབབ་སྤྲོད་མི་དགོས་པའི་ ལག་བཅངས་དཔེ་མཛོད་ ཅེས་པའི་མཉེན་ཆས་ཤིག་ཀྱང་ཆེད་དུ་བཟོ་བསྐྲུན་བྱས་ཡོད།

གཉིས་པ། BDRC དྲ་ཚིགས་ཀྱི་བཀོལ་སྤྱོད་ལམ་སྟོན་ཁག

དྲ་ཚིགས་འདི་ལ་འཚོལ་ཞིབ་དང་དཔེ་ཀློག་ལ་ཉེ་བར་འཁོ་བའི་ཁྱད་ཆོས་ཞིབ་ཚགས་ཤིང་སྣེ་འཛོམས་ཤིག་ཡོད་པས། ཁྱེད་ཀྱིས་ཐུན་མིན་གྱི་ཁྱད་ཆོས་དེ་དག་ལེགས་པར་ཤེས་འདོད་ཚེ་གཤམ་བཀོད་ཀྱི་བཀོལ་སྤྱོད་ལམ་སྟོན་ཁག་གཅིག་ཀྱང་མ་ཆད་པར་གཟིགས་དགོས།

  1. BDR01 དྲ་ཚིགས་སྤྱིའི་བཀོལ་སྤྱོད་ལམ་སྟོན།
  2. BDR02
  3. BDR03 བཙལ་འབྲས་ཆེད་འདེམ།
  4. BDR04 དྲ་ཚིགས་ནས་དཔེ་ཆ་ཕབ་ལེན་བྱ་ཚུལ།
  5. BDR05

གསུམ་པ། སྐབས་སུ་བབ་པའི་བཀོལ་སྤྱོད་ལམ་སྟོན།

སྐབས་བབ་ཀྱི་བཀོལ་སྤྱོད་ལམ་སྟོན་ནི་གཤམ་བཀོད་ཀྱི་སྡེ་ཚན་ཁག་སྟེ་

  1. དྲ་ཚིགས་འཚོལ་བཤེར་སྒྲིག་འགོད་ཀྱི་རིམ་པ།
  2. བཙལ་འབྲས་ཞིབ་བཤེར་གྱི་རིམ་པ།
  3. བཙལ་འབྲས་ཚགས་སྒྲིག་གི་རིམ་པ།

བཅས་སྡེ་ཚན་དེ་དག་གི་གོ་རིམ་ལྟར་ངོ་སྤྲོད་བྱས་ཡོད།

1. སྡེ་ཚན། དྲ་ཚིགས་འཚོལ་ཞིབ་ཀྱི་རིམ་པ།

དྲ་ལམ་ནས་ཐད་ཀར་buda.zju.edu.cn བྲིས་ཏེ་དྲ་ཚིགས་ཚོལ། དྲ་ཚིགས་ཀྱི་སྐད་ཡིག་འདེམ། བཙལ་བྱའི་ནང་དོན་གྱི་རིགས་གང་དགོས་བཅས་བདམས་ཏེ་བཙལ་བྱ་བྲིས་ཏེ་ཚོལ། འདིའི་བཙལ་བྱའི་རིགས་ནི་

  • བརྩམས་ཆོས་ དང་།
  • དཔེ་རྒྱུན།
  • འཕྲུལ་ཡིག
  • མི་སྣ།
  • ས་གནས། བཅས་ཀྱི་གང་རུང་ཞིག་འདེམ།

🔊 གསལ་བཤད། འདིའི་འཕྲུལ་ཡིག་ནི་ཡིག་རྐྱང་ཙམ་ལས་འཕྲུལ་དེབ་མིན། ཡོངས་ལ་ཡིག་རྐྱང་ཡོད་པའི་ངེས་པ་མེད།

800

དྲ་ཚིགས་འཚོལ་ཞིབ་དང་སྐད་ཡིག་བརྗེ་ཚུལ་གྱི་ལམ་སྟོན་འགུལ་རིས་ལ་གཟིགས།

800

2. སྡེ་ཚན། བཙལ་འབྲས་ཞིབ་བཤེར་གྱི་རིམ་པ།

བཙལ་བྱ་དེའི་བཙལ་འབྲས་རྣམས་བརྩམས་ཆོས་དང་དཔེ་རྒྱུན་སོགས་ཀྱི་སྡེ་ཚན་རེ་རེའི་ནང་ཐོན་པའི་བསྡོམས་གྲངས་བཅས་གསལ་ཡོང་། རང་ཉིད་ཀྱི་དགོས་མཁོ་ལྟར་སྡེ་ཚན་རེ་རེའི་སྒང་ལ་རྟགས་བཀོད་དེ་དེའི་བཙལ་འབྲས་ལ་རིམ་བས་མིག་བཤེར་བྱོས། སྐབས་འདིའི་བཙལ་འབྲས་ཁྲོད་བཙལ་བྱ་དེ་དང་འབྲེལ་བའི་དཔེ་ཆ་ཡོད་དོ་ཅོག་བཙལ་ཡོང་བས། རྩོམ་པ་བོ་དེ་ཁོ་ནའི་དཔེ་ཆ་དགོས་ཚེ་གཤམ་གྱི་རྩོམ་པ་བོའི་སྡེ་ཚན་དེ་ལ་གཟིགས།

800

3. སྡེ་ཚན། བཙལ་འབྲས་ཚགས་སྒྲིག་གི་རིམ་པ།

བཙལ་འབྲས་ཁྲོད་རང་ཉིད་ལ་མཁོ་བའི་དཔེ་ཆ་དེ་ཐད་ཀར་འཆར་མེད་ཚེ་འདིར་ ཚགས་སྒྲིག ཟེར་བ་དེར་བསྣུན་ཏེ་ནང་གསེས་རྣམས་རིམ་པར་སྒྲིག

  • རྒྱུགས་ཆེ་བ བསྒྲིགས་ན་དེ་དང་འབྲེལ་བའི་བཙལ་བྱ་རྒྱུགས་ཆེ་བའི་རིགས་གཙོར་སྟོན་བྱེད།
  • འདྲ་ཤས་ཆེ་བ བསྒྲིགས་ན་བཙལ་བྱ་དེ་དང་མཚུངས་ཤོས་རྣམས་གཙོར་སྟོན་བྱེད།
  • མཚན་བྱང་ བསྒྲིགས་ན་བཙལ་བྱ་དེ་མཚན་བྱང་གང་ཡིན་པ་རྣམས་གཙོར་སྟོན་བྱེད།
  • དཔར་ལོ་ བསྒྲིགས་ན་བཙལ་བྱའི་དཔེ་ཆ་དེ་དཔར་ལོའི་གོ་རིམ་ལྟར་གཙོར་སྟོན་བྱེད།
    • ལོ་ཚིགས་དེ་ཡང་རྙིང་ཤོས་ནས་གསར་ཤོས་ཀྱི་གོ་རིམ་ལྟར་བསྒྲིག་ཡོང་བ་ཡིན།
  • གོ་རིམ་ལྡོག བསྒྲིགས་ན་བཙལ་འབྲས་ཐ་མ་རྣམས་མགོ་དང་སྔོན་མ་རྣམས་མཇུག་ལ་འཁྱེར་འགྲོ་བ་ཡིན།

800

4. སྡེ་ཚན། ཚགས་སྒྲིག་བསུབ་ཚུལ།

ཚིགས་སྒྲིག་བསུབ་ཚུལ་ལ་རིམ་པ་གཉིས་ཡོད་དེ།

  • རེ་རེ་བཞིན་བསུབ་ཚུལ་དང་
  • སྡེབ་གཅིག་ལ་བསུབ་ཚུལ་བཅས།

དང་བོ། ཚགས་སྒྲིག་རེ་རེ་བཞིན་བསུབ་ཚུལ།

800

གཉིས་པ། ཚགས་སྒྲིག་སྡེབ་གཅིག་ལ་བསུབ་ཚུལ།

800

ཚགས་སྒྲིག་ཞིབ་ཕྲ་བྱེད་སྟངས་ཀྱི་བཀོལ་སྤྱོད་ལམ་སྟོན་གཞན་རྣམས་ལ་རིམ་པར་གཟིགས།

<iframe src="https://shimowendang.com/forms/UdCXeOAfR3U6Gqj9/fill?channel=1" style="height:1050px;width:800px;"></iframe>