Skip to content

Latest commit

 

History

History
77 lines (43 loc) · 7.76 KB

index.md

File metadata and controls

77 lines (43 loc) · 7.76 KB

ཁོ་ཌི་མཉེན་ཆས་ནང་བཙལ་འབྲས་ཉར་ཚགས་བྱ་ཚུལ།

འདི་ནི་ Visual Studio Code འམ་ཁོ་ཌི་མཉེན་ཆས་ནང་བཙལ་བྱ་དེའི་བཙལ་འབྲས་གང་ཐོན་པ་རྣམས་ Open in editor ནང་ལོགས་སུ་ཟུར་འདོན་གྱིས་བལྟ་སྟངས་ངོ་སྤྲོད་བྱས་པ་ཞིག་ཡིན།

ངོ་སྤྲོད་ཐབས་ལམ་གྱི་རིམ་པ་ནི་

  • ཡིག་ཆ་སྤྱིའི་ནང་བཙལ་བྱ་འཚོལ་སྟངས་ཀྱི་རིམ་པ།
  • བལྟ་སྟངས་སྒྲིག་སྦྱོར་གྱི་རིམ་པ།
  • ཡིག་ཆ་ཉར་ཚུལ་གྱི་རིམ་པ།

བཅས་རིམ་པ་འདི་དག་གི་གོ་རིམ་ལྟར་ངོ་སྤྲོད་བྱས་ཡོད།

A. 需要获取内容的范例 བཙལ་བྱའི་དཔེ་མཚོན་འགའ་ཤས། 

🢣 特殊词汇 དམིགས་བསལ་ཐ་སྙད།
🢣 引用类 ལུང་ཚིག་ཁག
🢣 概念和例子 མཚན་ཉིད་དང་མཚན་གཞི།
🢣 本义和释词 གོ་དོན་དང་སྒྲ་བཤད།
🢣 段落和章节 ཆོས་ཚན་དང་ལེའུ་སོགས།

🔊 གསལ་འདེབས། འདིར་སྡེ་དགེའི་བསྟན་འགྱུར་ནང་ དུས་རླབས་ ཟེར་བའི་ཐ་སྙད་དཔེར་བཀོད་ནས་ Open in editor ནང་བཙལ་འབྲས་ཁོ་ནར་བལྟ་སྟངས་ངོ་སྤྲོད་བྱས་པ་ཙམ་ཡིན། ཁོ་ཌི་མཉེན་ཆས་འདི་བཀོལ་ཚུལ་གྱི་ངོ་སྤྲོད་རྣམས་ལོགས་སུ་ཡོད་པས་དེར་གཟིགས་རོགས། དཔེ་མཚོན་འདིའི་རིགས་ལམ་གཞན་ལ་འང་རིགས་འགྲེ་ཤེས་པར་བྱའོ།།

1. སྡེ་ཚན། བཙལ་འབྲས་ཁོ་ན་སྟོན་སྟངས།

1.1 འཚོལ་སྟངས་སྤྱིར་བཏང་བ།

འདིར་ཁྱེད་ཀྱིས་བཙལ་བྱ་གང་ཡིན་པ་དེ་བྲིས་ནས་བཙལ་རྗེས་ཀྱི་ཐོན་འབྲས་སྤྱིའི་གྲངས་དང་དེ་དག་ཡིག་ཆ་གང་གི་ནང་ཡོད་པ་བཅས་ལ་བལྟ་ཐུབ། དེའི་འགྲམ་གྱི་ Open in editor ཟེར་བར་བསྣུན་ན་བཙལ་འབྲས་གང་ཡོད་རྣམས་ཟུར་འདོན་གྱིས་ཁ་ཕྱེ་ཡོང་།

800

1.2 Regex སྤྱད་ནས་འཚོལ་སྟངས།

འདིར་ Regex 正则表达式 བཀོལ་ནས་བཙལ་བྱ་དེའི་དག་ཆ་དང་འབྲི་སྟངས་མ་འདྲ་བའི་རིགས་གང་ཡོད་རྣམས་སྡེབ་གཅིག་ལ་འཚོལ་ཐུབ་པ། དཔེར་ན། དུས་རླབས་ དང་ དུས་ཀྱི་རླབས་ གཉིས་དོན་གཅིག་ཡིན་ཀྱང་འབྲི་སྟངས་མི་འདྲ་བས་རྒྱུན་སྤྱོད་ལྟར་ན་དུས་གཅིག་ལ་གཉིས་ཆ་འཚོལ་མི་ཐུབ་མོད། འདིར་དེ་ཐུབ་པའི་ཐབས་ལམ་བསྟན་ཡོད། དཔེར་ན། <<དུས་(ཀྱི་)?རླབས་>> ()? འདིས་ནི་(ཀྱི་)ཡོད་མེད་ཅི་རིགས་ཞེས་པའི་དོན་ཡིན་པས་དུས་རླབས་དང་དུས་ཀྱི་རླབས་གཉིས་ཆ་བཙལ་ཡོང་བ་ཡིན།

800

2. སྡེ་ཚན། བཙལ་འབྲས་སྒྲིག་སྦྱོར།

2.1 བཙལ་འབྲས་ཀྱི་ཐིག་ཕྲེང་གོང་འོག་སྣོན་འཕྲི།

འདིར་བཙལ་འབྲས་རྣམས་ཀྱི་ཤོག་ངོས་ལོགས་སུ་ཁ་ཕྱེས་རྗེས་བཙལ་འབྲས་རེ་རེའི་གོང་འོག་གཉིས་ལ་ཐོག་ཕྲེང་ག་ཚོད་རེ་དགོས་མིན་སྣོན་འཕྲི་བྱ་ཐུབ། ཞིབ་ཕྲ་འགུལ་རིས་ལ་གཟིགས།

800

2.2 བཙལ་འབྲས་རེ་རེ་བདམས་ཏེ་བལྟ་སྟངས།

འདིར་བཙལ་འབྲས་རེ་རེ་བདམས་ཏེ་ ctrl གནོན་བཞིན་མདའ་རྩེ་ཡར་མར་འགུལ་ན་བཙལ་འབྲས་ཀྱི་རྒྱབ་ལ་སྐུང་བའི་གོང་འོག་ལ་རྒྱས་ཙམ་གཟིགས་ཐུབ།

800

2.3 བཙལ་འབྲས་ལ་རྟགས་རྒྱག་ཚུལ།

འདིར་འབྱུང་འགྱུར་བཀོལ་སྤྱོད་དམ་ཡང་ན་ཞིབ་འཇུག་གི་ཕྱིར་དུ་བཙལ་འབྲས་རྣམས་གཞུང་ལུགས་གང་དང་བར་མཚམས་གང་ན་ཡོད་མེད་བལྟ་བདེ་བའི་ཕྱིར་བཙལ་འབྲས་ཀུན་པོར་སྡེབ་གཅིག་ལ་རྟགས་རྒྱག་ཐུབ།

800

3. སྡེ་ཚན། བཙལ་འབྲས་ཉར་ཚགས་བྱ་ཚུལ།

3.1 txt ཡིག་རྐྱང་ནང་ཉར་ཚུལ།

འདིར་བཙལ་འབྲས་རྣམས་ཡིག་རྐྱང་ནང་ཉར་ཚགས་བྱ་ཐུབ་པས་དེའི་གོ་རིམ་ལ་གཟིགས།

800

3.2 .code-search ལྟར་ཉར་ཚུལ།

འདིར་བཙལ་འབྲས་རྣམས་མཉེན་ཆས་རང་གིས་མཚམས་སྦྱོར་བྱས་པའི་རྣམ་སྒྲིག་.code-search ནང་ཉར་ཚགས་བྱ་ཐུབ་པས་དེའི་གོ་རིམ་ལ་གཟིགས། གོང་གི་དེ་དང་འདི་གཉིས་གང་ཡིན་ཀྱང་ཉར་རྗེས་ཡང་བསྐྱར་མཉེན་ཆས་འདིའི་ནང་ཚུར་བླངས་ཏེ་བཀོལ་སྤྱོད་བྱ་ཐུབ་པ་ཡིན།

800

3.3 ཉར་ཚུལ་གཉིས་ཀྱི་ཁྱད་པར།

འདིར་གོང་ནས་བསྟན་པའི་ཉར་ཚགས་བྱས་པའི་ཡིག་ཆ་གཉིས་གཤིབ་བསྡུར་གྱི་དཔེ་མཚོན་བསྟན་ཡོད།

800

<iframe src="https://shimowendang.com/forms/UdCXeOAfR3U6Gqj9/fill?channel=1" style="height:1050px;width:800px;"></iframe>